ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་པཱ་པུའུ་ཡཱ་ཞིང་ཆེན་ནས་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་རྒུད་སྐྱོབ་ལྟེ་གནས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་ཤར་ངོས་ཀྱི་པཱ་པུའུ་ཡཱ་ཞིང་ཆེན་དུ་མི་དགུ་དྲུད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཉིན་དེའི་སྔ་དྲོར་སར་ལྷུང་ནས། གནམ་གྲུའི་སྟེང་གི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ལོ་བཅུ་གཉིས་ཅན་གྱི་བྱིས་པ་ཞིག་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བ་རེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་རྒུད་སྐྱོབ་ལྟེ་གནས་ཀྱི་དྲ་ཚིགས་སྟེང་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་ཞེ་གཉིས་སྟེང་པཱ་པུའུ་ཡཱ་ཞིང་ཆེན་གྱི་པའོ་ཝུན་ཏིས་ཀི་ཨར་རྫོང་གི་ཏན་ནཱ་མེ་ལཱ་གནམ་གྲུ་ཐང་ནས་འཕུར་བ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་ཡས་མས་སུ་པེན་ཐང་ཧྲན་རྫོང་གི་ཨོ་ཁི་ཞེ་པུས་ཨར་གནམ་གྲུ་ཐང་དུ་འབབ་རྩིས་ཡིན་ཡང་། དུས་ཚོད་གཉིས་དང་སྐར་མ་བཅུ་བདུན་སྟེང་ས་ངོས་དང་འབྲེལ་ཐག་ཆད་པ་རེད། 

མིག་སྔར་སྲོག་ཉེན་ལས་ཐར་བའི་བྱིས་པ་དེ་ཨོ་ཁི་ཞེ་པུས་ཨར་ས་གནས་སྨན་ཁང་དུ་བསྐྱལ་ཡོད་པ་དང་། འདས་པོ་ཚང་མའི་བེམ་པོ་ཡང་སྨན་ཁང་དེར་བསྐྱལ་ནས་ཐོབ་ཐང་ངོས་འཛིན་བྱེད་བཞིན་ཡོད་ཟེར། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་མགྲིན་ཚབ་པ་ཨེ་ཨར་ཝན་གྱིས་དེའི་སྔོན་གསར་འགོད་པར་བཤད་རྒྱུར། གར་སོང་མ་རྙེད་པའི་གནམ་གྲུའི་སྟེང་དུ་གནམ་གྲུའི་ཁ་ལོ་བ་གཉིས་དང་འགྲུལ་བ་བདུན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།