ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གསར་འགྱུར་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་དང་སྲིད་གཞུང་གི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀི་ནེ་མཱ་ཐི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་དང་འཁྲུག་རྩོད་བྱས་པ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་བསྡོམས་པས་འཇིགས་སྐུལ་ཉེས་ཅན་ལྔ་འཛིན་བཟུང་བྱས་ཡོད་ཟེར། 

ཀི་ནེ་མཱ་ཐི་ཡིས་གསལ་སྒྲོག་ནང་འདས་པོ་བཞིའི་བྱེ་བྲག་གི་ཐོབ་ཐང་གསལ་བོར་བཤད་མེད། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། འཛིན་བཟུང་བྱས་པའི་འཇིགས་སྐུལ་ཉེས་ཅན་ལྔའི་ཁྲོད་མི་གསུམ་སཱ་ལེ་ཐི་གྲོང་ཁྱེར་ནས་འཁྲུག་རྩོད་བྱེད་སའི་སྡོད་དམངས་ཐོག་ཁང་ནང་ནས་རྙེད་པ་ཡིན་ཟེར། མིག་སྔར་ཅོར་ཏན་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ནས། འཇིགས་སྐུལ་ཉེས་ཅན་དེ་དག་ལ་འབྲེལ་བ་ཡོད་པའི་མི་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།