ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕུ་ཡཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་མཉམ་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དཔེ་མཚོན་ལྟ་བུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕུ་ཡཱའི་ཙུང་ཐུང་མུའུ་ལཱ་ཐུའུ་ཡིས་ཚེས་བཅུ་གསུམ་ཉིན་ཀྲུང་གོའི་ཀུང་ཟིའི་འཛུགས་སྐྲུན་དང་ཚོང་གཉེར་གྱི་བཟོ་ལས་ར་བར་རྟོག་ཞིབ་བྱས་རྗེས་བསྟན་དོན། ཨེ་ཙེ་ཨོ་ཕུ་ཡཱ་དང་ཀྲུང་གོའི་མཉམ་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དཔེ་མཚོན་ལྟ་བུ་རེད་ཟེར། 

མུའུ་ལཱ་ཐུའུ་ཉིན་དེར་ཨེ་ཙེ་ཨོ་ཕུ་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡོད་པའི་ཤར་ཕྱོགས་བཟོ་ལས་ར་བར་སོང་ནས་ཁེ་ལས་ཀྱི་ཐོན་སྐྱད་དང་ཚོང་གཉེར་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། བཟོ་ལས་ར་བའི་ནང་གི་སྨན་རྫས་དང་འཁལ་འཐག རྣོ་ལྕགས་སོགས་ཁེ་ལས་དྲུག་ལ་རྟོག་ཞིབ་བྱས། 

མུའུ་ལཱ་ཐུའུ་ཡིས་དེའི་རྗེས་སུ་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨེ་ཙེ་ཨོ་ཕུ་ཡཱ་དང་ཀྲུང་གོའི་མཉམ་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དཔེ་མཚོན་ལྟ་བུ་རེད། ཀྲུང་གོས་ཨེ་ཙེ་ཨོ་ཕུ་ཡཱའི་འཕེལ་རྒྱས་ཐད་འདོན་སྤྲོད་བྱས་པའི་རྒྱབ་སྐྱོར་དང་ཀྲུང་གོའི་ཨེ་ཙེ་ཨོ་ཕུ་ཡཱའི་དངུལ་གཏོང་བྱ་འགུལ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད། ཤར་ཕྱོགས་བཟོ་ལས་ར་བའི་ནང་གི་ལས་གཞི་ནི་ཨེ་ཙེ་ཨོ་ཕུ་ཡཱའི་སྲིད་གཞུང་དང་ཀྲུང་གོའི་སྲིད་གཞུང་གིས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱས་པའི་མཇུག་འབྲས་ཡིན་པ་དང་། གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་པར་མཚོན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།