ཀྲུང་གོ་བོད་ཀྱི་དྲ་བ།

ཨིག་ཀྭ་ཏོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨིག་ཀྭ་ཏོར་བྲེལ་མྱུར་རྒུད་སྐྱོབ་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཕིས་ཆན་ཁྲ་ཞིང་ཆེན་དུ་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག་ཟེར། 

ཨིག་ཀྭ་ཏོར་བྲེལ་མྱུར་སྡེ་ཁག་གི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་དོན། དོན་རྐྱེན་དེ་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ་བྱུང་བ་དང་། རྒྱལ་ས་ཅི་ཏའོ་ཕྱོགས་སུ་བགྲོད་པའི་རྒྱལ་སྤྱིའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཅི་ཏའོ་ཤར་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་རླངས་འཁོར་གཞན་ཞིག་དང་ཐོ་བརྒྱབ་སྟེ་ལོག་པ་རེད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེས་ཁོ་ལོམ་པུ་ཡཱ་རུ་ཐོ་འགོད་བྱས་འདུག ཅི་ཏའོ་ས་ཁུལ་གྱི་སྲིད་གཞུང་དཔོན་རིགས་ཀྱིས་བསྟན་དོན། འདས་པོའི་གྲས་སུ་ཁོ་ལོམ་པུ་ཡཱ་དང་ཝེ་ནེ་ཙུའེ་ལཱའི་སྤྱི་དམངས་ཡོད་པ་བདེན་དཔང་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།