ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཨ་མེ་རི་ཁའི་གློག་རྡུལ་ཐོན་རྫས་ལ་བཀག་འགོག་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བཞིའི་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་བསྟན་དོན། ཐུར་ཁེ་ཡིས་ཨ་མེ་རི་ཁས་ཐོན་སྐྱེད་བྱས་པའི་གློག་རྡུལ་ཐོན་རྫས་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་ཉིན་དེར་རིག་མཛོད་ཀྱིས་སྤེལ་བའི་ཞིབ་བསྡུར་ཚོགས་འདུ་ཞིག་ལ་ཞུགས་སྐབས་བཤད་རྒྱུར། ཐུར་ཁེ་ཡིས་ནང་འདྲེན་ཐོན་རྫས་ལས་ལྷག་པའི་ཐོན་རྫས་ཐོན་སྐྱེད་བྱས་ཏེ། རང་ཁ་རང་གསོ་དང་ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པ་མངོན་འགྱུར་བྱེད་རྒྱུ་ཡིན། དེའི་ཞོར་དུ་ཐུར་ཁེ་ཡིས་ཨ་མེ་རི་ཁའི་གློག་རྡུལ་ཐོན་རྫས་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། ཨ་མེ་རི་ཁར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་ན། ཐུར་ཁེ་ལའང་ས་གནས་རང་གི་ཁ་པར་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེའི་དཔལ་འབྱོར་ལ་དཔུང་འཇུག་ཐེབས་བཞིན་ཡོད་ཀྱང་། ཐུར་ཁེ་ལ་གཏན་འཇགས་ཀྱི་དངུལ་ཁང་མ་ལག་ཡོད་ལ། མིག་སྔའི་དཔལ་འབྱོར་འཕེལ་འགྲིབ་དེ་དོན་དངོས་ཀྱི་དཔལ་འབྱོར་གནས་ཚུལ་ལ་འབྲེལ་བ་མེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།