ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ཙུང་ལི་ཡིས་ཕཱ་ཁི་སི་ཐན་བར་དོན་སྙིང་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱེད་འདོད་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་བཅོ་བརྒྱད་ཉིན་དབྱེ་མུའུ་ལན་ཧན་ལ་འཕྲིན་ཡིག་བཏང་སྟེ། ཁོས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས་པར་མ་ཟད། ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དོན་སྙིང་ལྡན་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱེད་འདོད་ཡོད་པའི་ཚུལ་བསྟན། 

མའོ་ཏིས་ཀྱིས་འཕྲིན་ཡིག་ནང་བཤད་རྒྱུར། རྒྱ་གར་གྱིས་ཕཱ་ཁི་སི་ཐན་བར་ཞི་བདེའི་འཆམ་མཐུན་འབྲེལ་བ་འཛུགས་པར་བརྩོན་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་མེད་པའི་ཨེ་ཤ་ཡཱ་ལྷོ་མའི་ས་ཁུལ་མངོན་འགྱུར་འབྱུང་བར་འབད་བརྩོན་བྱེད་དགོས་ཟེར། 

མའོ་ཏིས་ཀྱིས་འཕྲིན་ཡིག་ནང་ཁོ་གཉིས་ཀྱིས་ཉེ་སྔོན་ཁ་པར་གྲོས་མོལ་བྱས་པའི་གནས་ཚུལ་གླེང་། མའོ་ཏིས་ཀྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་དབྱེ་མུའུ་ལན་ཧན་ལ་ཁ་པར་བཏང་སྟེ། དབྱེ་མུའུ་ལན་ཧན་གྱིས་མགོ་ཁྲིད་པའི་སྲིད་ཏང་ལ་ཕཱ་ཁི་སི་ཐན་གྱི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་བར་རྟེན་འབྲེལ་ཞུས་དང་། ཕྱོགས་གཉིས་ཀྱིས་ད་རུང་ཨེ་ཤ་ཡཱ་ལྷོ་མའི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་ཐད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཕཱ་ཁི་སི་ཐན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཙུང་ལི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོ་སྤེལ་ཏེ། དབྱེ་མུའུ་ལན་ཧན་གྱིས་དངོས་སུ་ཕཱ་ཁི་སི་ཐན་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།