ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་འཇར་པན་གྱིས་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ཀྱི་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ཀྱི་ནུས་ལྡན་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཕྱེད་གླིང་གི་བདེ་འཇགས་གནས་བབ་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་ན། ཧན་གོ་དང་འཇར་པན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་སྲུང་འཛིན་བྱེད་པ་ནི་སྲིད་གཞུང་གི་ལངས་ཕྱོགས་ཡིན། ཧན་གོ་དང་འཇར་པན་གྱི་འབྲེ་བ་དང་། རྒྱལ་སྲུང་། ཕྱི་འབྲེལ་བཅས་ཀྱི་ཕྱོགས་ནས་བལྟས་ན། གྲོས་ཆོད་དེར་དོན་དངོས་ཁེ་ཕན་ཡོད་པར་མ་ཟད། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་དང་ཡུན་རིང་ཞི་བདེ་རྐྱེན་སྲོལ་འཛུགས་པའི་ཐབས་ལམ་སྟེང་ནས་ཧན་གོ་དང་འཇར་པན་གྱིས་འཐབ་ཇུས་འབྲེལ་འདྲིས་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། ཧན་གོ་དང་འཇར་པན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ཀྱི་ལོ་གཅིག་གི་ནུས་ལྡན་ཡུན་ཚད་ལོངས་ནས་ཉིན་དགུ་བཅུའི་ནང་། ཧན་གོ་དང་འཇར་པན་ཕྱོགས་གང་རུང་གིས་གྲོས་མཐུན་ལ་གཏོར་བརླག་བྱེད་རྒྱུའི་བརྡ་མ་བཏང་ན་གྲོས་ཆོད་ཀྱི་ཡུན་ཚད་རང་བཞིན་གྱིས་ཇེ་རིང་དུ་འགྲོ་སྲིད། ཧན་གོ་དང་འཇར་པན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་དངོས་སུ་ནུས་ལྡན་དུ་གྱུར་བ་དང་། ན་ནིང་ཟླ་བརྒྱད་པར་ལོ་གཅིག་གིས་ཇེ་རིང་དུ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།