ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་བཞིའི་ཉིན། ཁྲའོ་ཞན་ཕེན་རང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སོ་ཨར་ཧེ་མུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཁྲའོ་ཞན་དུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སོ་ཨར་ཧེ་མུའུ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལྟ་སྤེལ་བཞིན་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད་པར་མ་ཟད། ཁྲའོ་ཞན་གྱིས་ཁོར་ཡུག་ཁྱབ་ཁོངས་ནས་བསྒྲུབས་པའི་འབད་བརྩོན་ལ་ཁས་ལེན་བྱས་ཡོད་ཟེར། 

སོ་ཨར་ཧེ་མུའུ་ཡིས་ཕེན་རང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་དམིགས་པ་ཡིན། ཁྲའོ་ཞན་དང་ཧན་གོ། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་སོ་སོར་པན་མིན་མགྲོན་ཁང་དང་སིང་ག་ཕོར་ནས་གྲོས་མོལ་བྱས། ཁྲའོ་ཞན་ཕྱོགས་ལ་དགོས་མཁོ་ཡོད་ན་དུས་ངེས་མེད་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་གཏུག་བྱས་ཆོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་འཕེལ་རིམ་དེར་རོགས་རམ་གང་ལེགས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

སོ་ཨར་ཧེ་མུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་སྲིད་གཞུང་གིས་སྡོང་འཛུགས་དང་རྒྱ་མཚོའི་ཁོར་ཡུག་སོགས་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ཁྲའོ་ཞན་ཁོར་ཡུག་འཆར་འགོད་ཁང་གིས་སྐུལ་འདེད་གཏོང་བཞིན་པའི་རྒྱ་མཚོའི་འགྱིག་ཤོག་གད་སྙིགས་སོགས་གཙང་སེལ་བྱེད་པར་དམིགས་པའི་འགུལ་སྐྱོད་ནང་ཞུགས་པར་འཐད་པ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། 

སོ་ཨར་ཧེ་མུའུ་ཚེས་ཉེར་གཉིས་ཉིན་ཕེན་རང་དུ་འབྱོར་ནས། ཁྲའོ་ཞན་ལ་དུས་ཡུན་ཉིན་བཞིའི་རིང་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།