ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འདེམ་བསྐོ་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་དྲུག་ཉིན་དངོས་སུ་ཁྱབ་སྒྲོག་བྱས་དོན། ཁོ་རང་ཟླ་རྗེས་མར་སྤེལ་བར་ཐག་བཅད་ཡོད་པའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འདེམ་བསྐོ་ལ་ཞུགས་རྒྱུ་ཡིན་ཟེར། 

ཉིན་དེའི་ཕྱི་དྲོར། ཨན་པའེ་ཅིན་སན་གྱིས་ལུའུ་ཨར་ཏའོ་རྫོང་དུ་རྟོག་ཞིབ་བྱས་རྗེས་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་བཤད་རྒྱུར། རང་ཉིད་ཀྱིས་ཕྱིན་ཆད་ཀྱི་ལོ་གསུམ་ནང་འཇར་པན་གྱི་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་ཐོབ་ཐང་གིས་མུ་མཐུད་དུ་འཇར་པན་གྱི་མགོ་ཁྲིད་པའི་འགན་ཁུར་རྒྱུའི་ཆོད་སེམས་བཅངས་ཡོད་ཟེར། དབྱེ་ཞིབ་མི་སྣས་བལྟས་ན། ཨན་པའེ་ཅིན་སན་གྱིས་བསམ་བཞིན་དུ་ལུའུ་ཨར་ཏའོ་རྫོང་ནས་འདེམ་བསྐོ་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པ་ནི། ས་གནས་དཔལ་འབྱོར་དར་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན་ནས། ས་གནས་ཏང་ཡོན་སྔར་ལས་མང་བོའི་རྒྱབ་སྐྱོར་ཐོབ་པར་བྱེད་པའི་ཆེད་ཡིན་པར་འདོད། 

ཐེངས་འདིའི་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་ཉི་ཤུའི་ཉིན་སྤེལ་རྒྱུ་རེད། ཨན་པའེ་ཅིན་སན་གྱི་སྐབས་འདིའི་རང་དབང་དམ་གཙོ་ཏང་གི་ཙུང་ཚེའི་འགན་ཡུན་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ལོངས་སོང་བ་རེད། རང་དབང་དམངས་གཙོ་ཏང་གི་སྔོན་ཆད་ཀྱི་ལས་འཛིན་པ་ཧྲི་ཕའོ་མའོ་ཡིས་ཟླ་འདིའི་ཚེས་བཅུའི་ཉིན་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འགྲན་རྩོད་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པས། མ་འོངས་པའི་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་དེ་ཧྲི་ཕའོ་དང་ཨན་པའེ་གཉིས་ལས་བདམས་ཐོན་འབྱུང་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།