ཀྲུང་གོ་བོད་ཀྱི་དྲ་བ།

ཀཱ་ནཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ལ་དུར་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180914095645zdc.jpg

ཟླ9བའི་ཚེས13ཉིན། ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས། དམག་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་གྱི་པུར་སྒམ་སྐྱེལ་སྲུང་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀཱ་ནཱ་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ཨ་ཁི་ལཱ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས། ཚེས་བརྒྱད་ཉིན་གཤེགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་གྱི་དུར་འཇུག་མཛད་སྒོ་སྤེལ། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་དུར་འཇུག་མཛད་སྒོའི་སྟེང་བཤད་རྒྱུར། ཨན་ནན་ནི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་ཞིག་ཡིན་པ་དང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྟེང་གི་ནུས་པ་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱུང་ཡོད་ལ། ཁོ་རང་ཉིད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིན་ཐང་མངོན་པར་བྱས་ཡོད་ཟེར། 

ཀཱ་ནཱའི་ཙུང་ཐུང་ཨ་ཏའོ་ཡིས་དུར་འཇུག་མཛད་སྒོའི་སྟེང་བཤད་རྒྱུར། ཨན་ནན་ནི་ཨ་ཧྥེ་རི་ཁ་གླིང་བའི་ང་རྒྱལ་ཡིན་པ་དང་། ཞི་བདེའི་འདུམ་འགྲིག་པ་ཞིག་ཡིན། ཨན་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁ་གླིང་བར་རང་བདག་གོང་འཕེལ་དང་དར་རྒྱས་ཀྱི་ལམ་དུ་བགྲོད་པའི་ནུས་པ་ཡོད་པར་ཡིད་ཆེས་བྱས་ཡོད། དུར་འཇུག་མཛད་སྒོར་མཇུག་སྒྲིལ་རྗེས། ཨན་ནན་གྱི་སྐུ་གདུང་ཨ་ཁི་ལཱ་རུ་ཡོད་པའི་བང་སོ་ཞིག་ཏུ་དུར་སྦས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།