ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་སི་རལ་གྱིས་ཨུ་རུ་སིའི་དམག་དོན་གནམ་གྲུ་སི་རི་ཡཱའི་མཁའ་སྲུང་མ་ལག་གིས་སར་འཕེན་དུ་འཇུག་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་དམིགས་འབེན་ལ་འགས་གཏོར་བྱེད་སྐབས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་འགེབས་སྲུང་དུ་བྱས། འགན་མི་ཁུར་བའི་བྱ་སྤྱོད་དེ་ལས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཞིག་སི་རི་ཡཱའི་མཁའ་སྲུང་མ་ལག་ལས་སར་འཕངས་ནས་ཨུ་རུ་སིའི་དམག་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།