ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་རུ་དམག་མི་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཐུར་ཁེ་དང་ཨུ་རུ་སི་ཡིས་ཉེ་སྔོན་བཀོད་པའི་གྲོས་མཐུན་ལྟར་དུ། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་དབྱི་ཏི་ལེ་པུའུ་ས་ཁུལ་དུ་དམག་དཔུང་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་དཔོན་པོ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སིའི་གྲོས་མཐུན་ལྟར་དུ། ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་ས་ཁུལ་དུ་དམག་དཔུང་ཁ་སྣོན་བྱས་ཏེ། ཨུ་རུ་སིའི་ཕྱོགས་དང་མཉམ་དུ་མཐའ་མཚམས་སྲུང་སྐྱོབ་བྱས་ནས། ས་ཁུལ་དེའི་ད་ལྟའི་གནས་བབ་སྲུང་འཛིན་དང་མི་སེར་དཀྱུས་མ་ཡུལ་གཞན་དུ་འཁྱམ་པར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་ཡིས་དེའི་སྔོན་དབྱི་ཏི་ལེ་པུའུ་ནས་བཙུགས་པའི་ལྟ་ཞིབ་གནས་བཅུ་གཉིས་སོར་འཇོག་བྱས་ཡོད་པར་མ་ཟད། མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་འཁྲུག་རྩོད་ཕྱོགས་ཁག་གཉིས་བར་གྱི་དམག་དོན་མིན་པའི་ས་ཁུལ་ལ་ལྟ་རྟོག་དོ་དམ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།