ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་འབྲས་མེད་དུ་གྱུར་བའི་འགན་འཁྲི་ཚང་མ་ཨ་མེ་རི་ཁས་ཁུར་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཚགས་པར་ངལ་རྩོལ་གསར་འགྱུར་གྱིས་ཚེས་བཅོ་བརྒྱད་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། མིག་སྔའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་འབྲས་མེད་དུ་གྱུར་བའི་འགན་འཁྲི་ཚང་མ་ཨ་མེ་རི་ཁས་ཁུར་དགོས་པ་དང་། ཨ་མེ་རི་ཁས་འཐབ་འཁྲུག་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱེད་པ་སོགས་གནད་དོན་ཐད་ལྷག་བསམ་རྣམ་དག་གི་བྱེད་ཐབས་སྤྱོད་དགོས་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། དེང་སྐབས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཐབས་མེད་པའི་འགན་ཚང་མ་ཨ་མེ་རི་ཁས་ཁུར་དགོས། ཨ་མེ་རི་ཁས་ཁས་ལེན་བྱས་པའི་འཐབ་འཁྲུག་མཇུག་སྒྲིལ་བ་སོགས་གནད་དོན་ཐད་ནས་ཡིད་ཆེས་འཛུགས་པའི་འདོད་བློ་མ་བསྟན་པ་དང་། ཁྲའོ་ཞན་གྱིས་ནམ་རྒྱུན་ངོ་རྒོལ་བྱེད་པའི་སྔོན་ལ་ཉིང་རྡུལ་ནུས་པ་བསྐྱུར་བའི་འདོད་བློ་རྒྱུན་འཁྱོངས་བྱས་པར་མ་ཟད། ཁྲའོ་ཞན་གྱིས་སྔོན་ལ་ཞིབ་བཤེར་བྱས་ཆོག་པའི་ཉིང་རྡུལ་ནུས་པ་བསྐྱུར་བའི་བྱ་བ་ལག་བསྟར་བྱས་རྗེས་ད་གཟོད་གནད་དོན་གཞན་པར་གྲོས་མོལ་བྱས་ཆོག་པའི་ཚུལ་བསྟན། དེ་ནི་རྒྱུན་ཤེས་མེད་པའི་ལུགས་མེད་ཀྱི་བྱ་སྤྱོད་ཅིག་རེད་ཟེར། 

རྩོམ་ཡིག་ལས་ཁྲའོ་ཞན་གྱིས་ཨ་མེ་རི་ཁས་འགུལ་སྐྱོད་སྤེལ་ཏེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ན། ཁྲའོ་ཞན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པར་འཐད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།