ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁས་ཁྲའོ་ཞན་བར་གྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ལ་བཀོད་སྒྲིག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིསི་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་དང་ཧན་གོའི་མགོ་གཙོའི་གྲོས་མོལ་ནས་བླངས་པའི་གྲུབ་འབྲས་ལ་དགའ་བསུ་བྱེད་བཞིན་ཡོད་པ་དང་། མི་འགྱངས་པར་ཁྲའོ་ཞན་བར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ལ་བཀོད་སྒྲིག་བྱས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁོས་ཉིན་དེའི་སྔོ་དྲོར་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་གཟའ་འཁོར་རྗེས་མར་ཉིག་ཡོ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་སྐབས་གྲོས་མོལ་བྱེད་པར་གདན་ཞུ་བྱས་ཡོད་ལ། ཨ་མེ་རི་ཁས་ཁྲའོ་ཞན་ཕྱོགས་ཀྱི་འཐུས་མིས་སྔ་མོར་ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་གསར་བ་སི་ཏིས་ཧྥུན་པུས་ཀིན་དང་མཉམ་དུ་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་བྱེད་པར་གདན་ཞུ་བྱས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་གསལ་སྒྲོག་ནང་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཐོ་རིམ་དཔོན་པོའི་གྲོས་མོལ་དེས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འབྲེལ་བ་བསྒྱུར་བའི་ཐད་གྲོས་མོལ་རབ་དང་རིམ་པ་སྤེལ་མགོ་བརྩམས་པ་མཚོན་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཕོ་བྲང་དཀར་པོ་ནས་གསར་འགོད་པར་བསྟན་དོན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པར་བཤད། ཉེ་ལམ་ཅིན་ཀྲིན་ཨིན་དང་གྲོས་མོལ་ཐེངས་གཉིས་པ་སྤེལ་མིན་འདྲི་སྐབས་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།