ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་བདེ་བླག་ངང་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འགན་མུ་མཐུད་དུ་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་འདེམ་བསྐོ་བྱེད་པའི་བྱ་འགུལ་དེ་ཚེས་ཉི་ཤུའི་ཉིན་ཏུང་ཅིན་ནས་སྤེལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ལ་རྒྱལ་ཁ་ཐོབ་ནས་ཡང་བསྐྱར་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ལ་བདམས་པ་དང་། དེ་ནི་ཁོས་ཐེངས་བཞི་བར་ལས་འགན་དེ་ཁུར་བ་རེད། 

རང་དབང་དམངས་གཙོ་ཏང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཁྱབ་སྒྲོག་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ནུས་ལྡན་འདེམ་ཤོག་བརྒྱད་བརྒྱ་དང་བདུན་གྱི་ཁྲོད། ཨན་པའེ་ཅིན་སན་ལ་འདེམ་ཤོག་ལྔ་བརྒྱ་དང་ང་གསུམ་ཐོབ་པ་དང་། འདེམ་སྒུག་མི་སྣ་གཞན་པ་ལས་ལྡབ་འགྱུར་གྱིས་མང་བ་རེད། ཨན་པའེ་ཅིན་སན་གྱི་སྐབས་འདིའི་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འགན་ཡུན་དེ་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་མཇུག་སྒྲིལ་བ་དང་། སྐབས་རྗེས་མའི་ཙུང་ཚེའི་འགན་ཡུན་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བར་མཇུག་སྒྲིལ་བ་རེད། 

ཨན་པའེ་ཅིན་སན་གྱིས་བདེ་བླག་ངང་རང་དབང་དམངས་གཙོ་ཏང་གི་ཙུང་ཚེའི་འགན་མུ་མཐུད་དུ་ཁུར་རྗེས་ཁོས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་ལ་འབད་བརྩོན་བྱེད་རྒྱུ་དང་། རང་དབང་དམངས་གཙོ་ཏང་གི་སྣེ་ཁྲིད་དེ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། འཇར་པན་རྒྱལ་དམངས་ལ་རྒྱལ་ཁབ་གསར་བ་ཞིག་བསྐྲུན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།