ཀྲུང་གོ་བོད་ཀྱི་དྲ་བ།

​སི་རི་ཡཱ་ཡིས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ལ་རང་སྲུང་བྱེད་ཐབས་སྤྱོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མཱེ་ཁི་ཏཱ་ཏི་ཡིས་ཚེས་ཉེར་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱའི་ཕྱོགས་ལ་མཁའ་སྲུང་མ་ལག་གསར་བ་ཐོབ་རྗེས། གལ་ཏེ་དབྱི་སི་རལ་གྱིས་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་ན། སི་རི་ཡཱ་ཡིས་རང་སྲུང་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། 

མཱེ་ཁི་ཏཱ་ཏི་ཡིས་དབྱི་སི་རལ་གྱིས་དེའི་སྔོན་ཁ་གཡོར་ས་མང་བོ་བཙལ་ནས་སི་རི་ཡཱ་ལ་དཔུང་འཇུག་ཐེངས་མང་བྱས་པར་སྐྱོན་འཛུགས་བྱས་པ་དང་། ཨུ་རུ་སི་ཡིས་སི་རི་ཡཱ་ལS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་འདོན་སྤྲོད་བྱས་རྗེས། དབྱི་སི་རལ་གྱིས་སི་རི་ཡཱ་ལ་དཔུང་འཇུག་བྱེད་པའི་འཆར་གཞི་གསར་དུ་འཐེན་སྐབས་བསམ་བློ་ཡག་པོ་གཏོང་དགོས་པ་ནན་བཤད་བྱས། 

མཱེ་ཁི་ཏཱ་ཏི་ཡིས་བཤད་རྒྱུར། དཔུང་འཇུག་མ་བྱས་ན་སི་རི་ཡཱ་ཡིསS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་བེད་སྤྱོད་བྱེད་མི་སྲིད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།