ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་མུ་མཐུད་དུ་ཇེ་བཟང་དུ་སོང་ནས་ཧན་གོས་ལྔ་བའི་ཉེར་བཞིའི་ཉིན་གྱི་ཁྲའོ་ཞན་བཀག་སྡོམ་མེད་པར་གཏོང་བར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181011093243oIJk.png

ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཐེན་ཨན་རྟགས་ཅན་གྱི་དོན་རྐྱེན་བྱུང་རྗེས། ཧན་གོ་ཡིས་ལྔ་བའི་ཉེར་བཞིར་ཁྲའོ་ཞན་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་དང་། ད་ལྟའི་བར་ལོ་བརྒྱད་འགོར་ཡོད། ཚེས་བཅུ་ཉིན་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་བསྟན་དོན། ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་བར་ཧན་གོ་དང་ཁྲའོ་ཞན་གྱི་དཔལ་འབྱོར་མཉམ་ལས་གཏན་འགོག་བྱེད་པའི་ལྔ་བའི་ཉེར་བཞིའི་བྱེད་ཐབས་མེད་པར་གཏོང་མིན་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཁང་ཅིན་ཧི་ཡིས་རྒྱལ་ཚོགས་ཀྱིས་ཕྱི་འབྲེལ་པུའུ་ཡི་རྒྱལ་སྲིད་ལྟ་རྟོག་སྐབས་སུ་གོང་གི་སྐད་ཆ་དེ་བཤད་པ་རེད། ཁྲའོ་ཞན་དུ་གནས་སྐོར་ལ་འགྲོ་བ་དེ་བཀག་སྡོམ་བྱ་ཡུལ་དུ་གྱུར་ཡོད་མེད་དྲིས་ཚེ། ཁང་ཅིན་ཧི་ཡིས་བསྟན་དོན། གནས་སྐོར་དང་གནས་སྐོར་བས་དངོས་ཟོང་ཉོས་པ་དང་ཟ་མ་ཟས་པ་སོགས་བཀག་སྡོམ་བྱ་ཡུལ་མིན་ཡང་། ཁྲའོ་ཞན་དུ་གནས་སྐོར་ལ་སོང་ནས་འབྲེལ་ཡོད་མ་དངུལ་ཁྲའོ་ཞན་ལ་བཞུར་བ་དེ་བཀག་སྡོམ་བྱ་ཡུལ་དུ་གྱུར་ཡོད་ཟེར། 

ཧན་གོའི་སྤྱི་དམངས་ཁྲའོ་ཞན་གྱི་ཅིན་ཀང་རི་བོར་གནས་སྐོར་བྱེད་མི་རུང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲའོ་ཞན་ལ་བཀག་སྡོམ་བྱེད་ཐབས་སྤྱད་པས་མ་ཡིན་པར་ལྔ་བའི་ཉེར་བཞིའི་བྱེད་ཐབས་དབང་གིས་ཡིན་པའི་བརྗོད་ཚུལ་ཐད་ནས་ཁང་ཅིན་ཧི་ཡིས་ཁས་ལེན་བྱས། 

དེ་བས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་མུ་མཐུད་དུ་ཇེ་བཟང་ལ་འགྲོ་བའི་འཕེལ་རིམ་ཁྲོད། ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་གྱི་བཀག་སྡོམ་མེད་པར་གཏོང་བའི་སྐོར་གྱི་གྲོས་བསྡུར་ལ་མྱུར་དུ་གྲུབ་འབྲས་ཐོབ་མིན་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།