ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་རྩོད་གཞིར་གྱུར་བའི་ས་ཁོངས་སུ་དམག་དོན་སྦྱོང་བརྡར་སྤེལ་རྩིས་བྱས་པར་འཇར་པན་གྱིས་དེར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཐིག་གསར་འགྱུར་ཁང་གིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་འཇར་པན་གྱིས་ཨུ་རུ་སིས་ཆན་ཏའོ་ལྷོ་མའི་གླིང་ཚོམས་ཉེ་འདབས་སུ་དམག་དོན་བཀོད་སྒྲིག་བྱས་པར་བཏོན་པའི་ངོ་རྒོལ་དེ་དང་ལེན་མ་བྱས་ཟེར། བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་གིས་དེའི་སྔོན་འཇར་པན་སྲིད་གཞུང་ལ་བརྡ་བཏང་སྟེ། ཚེས་བཅུ་ཉིན་ནས་བཟུང་ཆན་ཏའོ་ལྷོ་མའི་གླིང་ཚོམས་ཉེ་འདབས་སུ་དམག་དོན་སྦྱོང་བརྡར་སྤེལ་རྒྱུའི་ཚུལ་བསྟན་ཡོད། དེ་ནི་ཨུ་རུ་སི་ཡིས་ད་ལོར་ཐེངས་དགུ་བར་འཇར་པན་སྲིད་གཞུང་ལ་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུའི་བརྡ་བཏང་བ་ཡིན་ལ། ལོ་རྒྱུས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད་ཟེར། 

འཇར་པན་སྲིད་གཞུང་གིས་དེའི་རྗེས་སུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་ལ་ངོ་རྒོལ་བྱས། འཇར་པན་ནེ་ཀིའི་མགྲིན་ཚབ་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་བཅུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དམག་དོན་སྦྱོང་བརྡར་ལས་ཨུ་རུ་སིའི་དམག་དཔུང་གི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ན། རང་རྒྱལ་གྱི་ལངས་ཕྱོགས་དང་མི་འཚམ་ཟེར། ཡིན་ཡང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བལྟས་ན། ཨུ་རུསི་ལ་རང་གི་མངའ་ཁོངས་སུ་བྱ་འགུལ་གང་རུང་སྤེལ་བའི་བདག་དབང་ཡོད་པ་དང་། རྒྱལ་སྲུང་ལ་ཤུགས་སྣོན་པའི་བྱེད་ཐབས་ཀྱང་དེ་ལས་འདས་མེད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།