ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་ཏེ་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཟླ་བཅུ་བའི་ཚེས་བཅུ་ཉིན་འཇར་པན་སྲིད་གཞུང་དང་སྲིད་འཛིན་ཏང་གི་འབྲེལ་གཏུག་གྲོས་ཚོགས་སྟེང་བཤད་རྒྱུར། ཁོས་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སི་ཕན་དང་། ཧྥ་རན་སི། པུ་ལི་ཧྲི་བཅས་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། པུ་ལི་ཧྲི་ནས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གྲོས་ཚོགས་ཀྱི་མགོ་གཙོའི་ཚོགས་འདུར་ཞུགས་རྒྱུ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། ཁྲའོ་ཞན་གཙོ་བྱས་པའི་རྒྱལ་སྤྱིའི་གནས་བབ་དང་རང་དབང་འདྲ་མཉམ་གྱི་སྒྲིག་སྲོལ་རྨང་གཞིར་བྱས་པའི་དཔལ་འབྱོར་སྒྲིག་ལམ་ཐད་ནས་ངས་འཇར་པན་གྱི་ལངས་ཕྱོགས་རྒྱས་བཤད་བྱེད་རྒྱུ་ཡིན་ཟེར། 

ཁོས་ད་རུང་བསྟན་དོན། གཟའ་འཁོར་རྗེས་མའི་རྗེས་མར་ཀྲུང་གོར་འཚམས་འདྲི་བྱེད་པའི་ཐད་ཆེས་མཇུག་མཐར་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་གཏོང་བའི་རེ་བ་ཡོད་ཟེར། 

དེ་ནི་ནེ་ཀི་བཅོས་སྒྲིག་བྱས་རྗེས་ཐོག་དང་པོར་བསྡུས་པའི་འབྲེལ་གཏུག་གྲོས་ཚོགས་ཡིན་པ་རེད། ཨན་པའེ་ཅིན་སན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་དང་སྲིད་འཛིན་ཏང་གིས་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ་གྲུབ་འབྲས་ལོན་པར་རེ་བཞིན་ཡོད་པས། རྒྱལ་དམངས་ཀྱི་རེ་བཅོལ་སྟོང་ཟད་དུ་མི་གཏོང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།