ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་པའི་ས་འོག་རྒྱུ་ལམ་ཞིག་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་པའི་ས་འོག་རྒྱུ་ལམ་ཞིག་གཏོར་ཡོད་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁུང་ལི་ཁུའུ་སི་ཡིས་བསྟན་དོན། དེ་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚུན་ལ། དབྱི་སི་རལ་གྱིས་གཏོར་བའི་ས་འོག་རྒྱུ་ལམ་བཅོ་ལྔ་བ་རེད་ཟེར། 

ཁུང་ལི་ཁུའུ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ས་འོག་རྒྱུ་ལམ་བརྐོ་བའི་བྱེད་ཐབས་བསྒྱུར་ཡོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ས་འོག་རྒྱུ་ལམ་ཚད་འཇལ་ཐུབ་པའི་དཀའ་ཁག་ཇེ་ཆེར་གཏོང་རྩིས་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་དམག་དཔུང་གིས་ས་འོག་རྒྱུ་ལམ་ཚད་འཇལ་བྱེད་པའི་ལག་རྩལ་སྔར་ལས་ཇེ་ལེགས་སུ་སོང་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་གཏོར་བའི་ས་འོག་རྒྱུ་ལམ་དེའི་རིང་ཚད་ལ་སྤྱི་ལེ་གཅིག་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་མངའ་ཁོངས་ཀྱི་རྨིད་ཉིས་བརྒྱའི་མཚམས་སུ་བརྟོལ་ཡོད། ས་འོག་རྒྱུ་ལམ་ཡོད་སའི་དབྱི་སི་རལ་གྱི་མངའ་ཁོངས་སུ་མི་མང་བོའི་འདུས་སྡོད་ས་ཁུལ་མེད་པ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།