ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཕིན་ཕའེ་ཨོ་ཡིས་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་གར་སོང་མ་རྙེད་པའི་དོན་རྐྱེན་ཐད་ནས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་པར་མངགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཁོས་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་སོ་ཏི་ཨ་རབ་ཏུ་འཚམས་འདྲིར་མངགས་ཏེ། སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཁཱ་ཧྲུའུ་ཅི་གར་སོང་མ་རྙེད་པའི་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་མ་ཟད། སོ་ཏི་ཨ་རབ་ཀྱི་རྒྱལ་བོར་ཨ་མེ་རི་ཁ་དོན་རྐྱེན་དེར་འབྲེལ་བ་མེད་པ་གསལ་བཤད་བྱ་དགོས་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་ཕིན་ཕའེ་ཨོ་མྱུར་དུ་ལམ་ལ་ཆས་དགོས་པའི་རེ་བ་བཏོན་ཡོད། དེ་ལས་གཞན་ཁོས་དེའི་སྔོན་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་ལ་པར་བཏང་སྟེ་གསར་འགོད་པ་གར་སོང་མ་རྙེད་པའི་དོན་རྐྱེན་དེར་གསལ་ཆ་ཅི་ཡང་མེད་པའི་ཚུལ་བསྟན། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་དེའི་རྗེས་སུ་སྤེལ་བའི་གསལ་སྒྲོག་ནང་ཕིན་ཕའེ་ཨོ་ཡིས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།