ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་གྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་ཚེས་ཉེར་གཉིས་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་ནས། རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། 

ཕ་ཡུལ་སོ་ཏི་ཨ་རབ་ཀྱི་ཡིན་པའི་གསར་འགོད་པ་ཁཱ་ཧྲུའུ་ཅི་ཐུར་ཁེའི་དབྱི་སི་ཐན་པོར་གྲོང་་ཁྱེར་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ནས་ལྐོག་གསོད་བཏང་བའི་དབང་གིས་སོ་ཏི་ཨ་རབ་ལ་རྒྱལ་སྤྱིའི་གནོན་ཤུགས་ཆེན་པོ་ཐེབས་པ་དང་། རྒྱལ་རྒྱུད་མུའུ་ཧན་མའོ་ཏི་མི་སྣ་གཙོ་བོ་གྱུར་ཡོད། 

ཁཱ་ཧྲུའུ་ཅིའི་དོན་རྐྱེན་དབབང་གིས་མུའུ་ནོའུ་ཆན་དང་དབྱིན་ཇི། ཧྥ་རན་སི། ཧི་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་མཐོ་རིམ་དཔོན་པོས་གཟའ་འཁོར་སྔོན་མར་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ལེ་ཡཱ་ཏི་ནས་སྤེལ་རྒྱུ་ཡིན་པའི་བྱེ་ཐང་གི་ཏཱ་བོ་སིའི་མ་འོངས་དངུལ་གཏོང་གྲོས་འདོན་གྱི་ཚོགས་ཆེན་ལ་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས། ཡིན་ཡང་མུའུ་ནོའུ་ཆན་ལེ་ཡཱ་ཏིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་ཤིག་ལ་ཞུགས་པར་འཐད་པ་བྱུང་བ་དང་། ཚེས་ཉེར་གཉིས་ཉིན་གྲོས་ཚོགས་ཀྱི་བར་གསེང་ནས་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། མུའུ་ནོའུ་ཆན་དང་མུའུ་ཧན་མའོ་ཏི་ཡིས་སོ་ཏི་ཨ་རབ་དང་ཨ་མེ་རི་ཁའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཕྱིན་ཆད་ཀྱི་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་ཞེས་པའི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་བསྒྱུར་གྱི་འཆར་གཞིའི་ཁྲོད་ཐོན་སྲིད་པའི་ནུས་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱི་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་འཕེལ་རྒྱས་གོ་སྐབས་ལ་དཔྱད་ཞིབ་བྱས་པ་དང་། གྲོས་གཞི་མང་བོར་གྲོས་བསྡུར་བྱས། དེའི་ནང་མཉམ་འབྲེལ་གྱིས་རུལ་སུངས་དང་འཇིགས་སྐུལ་རིང་ལུགས་ཀྱི་དངུལ་གསོག་ལ་ཆམ་ཕབ་གཏོང་བའང་འདུས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།