ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་གི་ནུས་ཁུངས་དང་དངུལ་ཁང་སོགས་ཁྱབ་ཁོངས་ཀྱི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་ལྔ་ཉིན་དབྱི་ལིང་གི་ནུས་ཁུངས་དང་དངུལ་ཁང་སོགས་ཁྱབ་ཁོངས་ཀྱི་བཀག་སྡོམ་སླར་གསོ་བྱེད་རྒྱུ་ཡིན་ཟེར། དེ་ནི་ཨ་མེ་རི་ཁས་ད་ལོའི་ཟླ་ལྔ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་རྗེས་ཐེངས་གཉིས་པར་དབྱི་ལིང་ལ་བཀག་སྡོམ་བྱས་པ་རེད། སྐབས་ཐོག་དེར་ཨ་མེ་རི་ཁས་ཕྱོགས་ཡོངས་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དབང་གིས་མེད་པར་བཟོས་པའི་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱེད་རྒྱུ་རེད། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་སྨྱན་བྱད་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཚེས་ལྔ་ཉིན་སླར་གསོ་བྱེད་རྒྱུ་ཡིན་པའི་བཀག་སྡོམ་དེ་དབྱི་ལིང་གི་ནུས་ཁུངས་དང་གྲུ་གཟིངས་བཟོ་སྐྲུན། སྐྱེལ་འདྲེན། དངུལ་ཁང་ལས་རིགས་སོགས་ལ་དམིགས་ཡོད། ཨ་མེ་རི་ཁས་གནས་སྐབས་སུ་རྒྱལ་ཁབ་དང་ས་ཁུལ་བརྒྱད་ཀྱིས་མུ་མཐུད་དུ་དབྱི་ལིང་ནས་རྡོ་སྣུམ་ནང་འདྲེན་བྱེད་པར་ཆོག་མཆན་འགོད་རྒྱུ་ཡིན། རྒྱུ་མཚན་ནི་དེ་དག་གིས་མིག་སྔར་དབྱི་ལིང་ནས་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད། ཨ་མེ་རི་ཁས་ཁོ་ཚོར་སྔར་ལས་མང་བའི་དུས་ཚོད་བྱིན་ནས་ནང་འདྲེན་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་བཀག་་སྡོམ་ཉམས་ཉེན་ལས་ཐར་བའི་རྒྱལ་ཁབ་ཀྱི་མིང་ཐོ་གསལ་བོར་བསྒྲགས་མེད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་དེའི་ནང་མེད་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།