ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་བདེ་འཇགས་མི་སྣ་དང་ཐཱ་ལེ་པན་བར་འཁྲུག་རྩོད་བྱུང་སྟེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཕཱ་ཅེ་ཝ་ཁི་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་བདེ་འཇགས་མི་སྣ་དང་ཐཱ་ལེ་པན་རྩ་འཛུགས་ཀྱིས་ཉེ་སྔོན་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་ནས་དྲག་ཆས་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ས་དེའི་སྲིད་གཞུང་གིས་ཁྱབ་སྒྲོག་བྱས་པ་ལྟར་ན། ཐེངས་འདིའི་འཁྲུག་རྩོད་དེ་ཚེས་བཞི་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཧུའུ་ཅི་ཡཱ་ནེ་ས་ཁུལ་དང་མཱ་ལི་སི་ཐན་ས་ཁུལ་ནས་བྱུང་བ་རེད། འདས་པོའི་གྲས་སུ་རྒྱལ་དམངས་དམག་མི་དང་ས་དེའི་ཉེན་རྟོག་པ་འདུས་པའི་བདེ་འཇགས་མི་སྣ་བཅུ་གསུམ་ཡོད་པ་དང་། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཉེར་གཉིས་ཡོད་ཟེར། 

ཐཱ་ལེ་པན་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་བདེན་དཔང་བྱས་པར་མ་ཟད། འཁྲུག་རྩོད་ལས་ཉུང་མཐར་ཡང་བདེ་འཇགས་མི་སྣ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།