ཨ་རིས་དབྱི་རན་གྱི་དངུལ་རྩ་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ལ་བསྐྱར་དུ་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ།

F201811061324473716704622.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11ཚེས5ཉིན། ཨ་རིའི་ནོར་སྲིད་པུས་བརྡ་ཁྱབ་སྤེལ་ནས་དེ་ཉིན་ནས་བཟུང་དབྱི་རན་དང་འབྲེལ་བ་ཡོད་པའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། མཁའ་ལམ། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མི་སྒེར་དང་། དངོས་ཚན། གནམ་གྲུ་དང་གྲུ་གཟིངས700ལས་བརྒལ་བར་བཀག་སྡོམ་བྱ་རྒྱུ་དང་། དེའི་ནང་དབྱི་རན་གྱི་དངུལ་ཁང་དང་དེའི་མངའ་ཁོངས་ཕྱི་ནང་དུ་ཡོད་པའི་ཡན་ལག་སྒྲིག་གཞི་50དང་། དབྱི་རན་རྒྱལ་ཁབ་ལ་དབང་བའི་མཁའ་འགྲུལ་ཀུང་སི་དང་དེའི་མངའ་འོག་གི་གནམ་གྲུ67དང་དབྱི་རན་གྱི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་བཅས་ཚུད་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་ཨ་རིས་གནས་སྐབས་རྒྱལ་ཁབ་དང་ས་ཁུལ་8ཀྱིས་ཨ་རིས་བསྐྱར་དུ་དབྱི་རན་ལ་བཀག་སྡོམ་བྱས་རྗེས་མུ་མཐུད་དབྱི་རན་གྱི་རྡོ་སྣུམ་ཉོ་སྒྲུབ་བྱེད་ཆོག་པ་བརྗོད་ཡོད།

F201811061324546196704623.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།