ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་མིས་ཕཱ་ལེ་སི་ཐན་གྱི་མི་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་ཞིག་ཉིན་དེར་ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་དབྱི་སི་རལ་དང་ཉེ་བའི་འབྲེལ་མཚམས་ས་ཁུལ་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་ཟེར། 

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཉིན་དེར་ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་པཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་ས་ཞིག་དང་མི་རིང་བའི་མཐའ་མཚམས་བར་བཅད་ཉེ་འདབས་ནས། དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་ལོ་ཉི་ཤུ་ཅན་གྱི་ཕཱ་ལེ་སི་ཐན་གྱི་ན་གཞོན་ཞིག་བསད་ཟེར། 
དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཕཱ་ལེ་སི་ཐན་གྱི་མི་གཉིས་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་འགོག་སྲུང་བར་བཅད་ཀྱི་ཉེ་སར་ཡོང་ནས་གཏོར་བརླག་བྱ་སྤྱོད་སྤེལ་བས། དབྱི་སི་རལ་གྱི་དམག་མིས་ཁོ་ཚོར་མེ་མདས་བརྒྱབ་པ་ཡིན་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།