ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཁྲུ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁྲུ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ཀི་ལོ་ཙི་ནེ་ནས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་ལས་གཞན་མི་གཞན་པར་ཤི་རྨས་ཐེབས་མེད། 

ཁྲུ་ཁྲིན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཚབ་མ་ཨ་ལཱ་ཝུའུ་ཅི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་འཇབ་རྒོལ་མཁན་གྱི་ཐོབ་ཐང་གསལ་བོར་ཤེས་མེད་པ་དང་། འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། དོན་རྐྱེན་བྱུང་སའི་འགྲིམ་འགྲུལ་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།