ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་རག་མཁའ་དམག་གིས་ཉེ་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཏིས་ཡཱ་ལཱ་ཞིང་ཆེན་གྱི་དམིགས་འབེན་ལ་འགས་གཏོར་བཏང་སྟེ། དྲག་ཆས་ཉེས་ཅན་བཅུ་བསད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབུས་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ། བར་སྣང་འཇབ་རྒོལ་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཧྲི་ཨར་ཅཱ་ཐི་གྲོང་རྡལ་ཉེ་འདབས་ཀྱི་སྦས་སྐོང་བྱེད་ས་གཉིས་གཏོར་བ་དང་། དྲག་ཆས་ཉེས་ཅན་བཅུ་བསད། ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཞིང་ཆེན་དེའི་བྱང་ཕྱོགས་རི་ཁུལ་གྱི་སྦས་སྐོང་བྱེད་ས་གཅིག་དང་འཕྲུལ་རྟ་བཞི་གཏོར་ཡོད་ཟེར། ཡིན་ཡང་གསལ་སྒྲོག་ལས་བར་སྣང་འཇབ་རྒོལ་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།