ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཡེ་མིན་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་བཏང་ནས་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཚེས་ཉེར་ལྔ་ཉིན་ཡེ་མིན་ལྷོ་ཕྱོགས་ཀྱི་པེ་ཏཱ་ཞིང་ཆེན་ནས་འགས་གཏོར་བཏང་སྟེ་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་ཁོངས་མི་དྲུག་བསད་ཟེར། 

ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་པེ་ཏཱ་ཞིང་ཆེན་གྱི་ཁུའུ་ལའེ་ཧྲ་ཨ་ས་ཁུལ་གྱི་སྦས་སྐོང་བྱེད་སར་ཉིན་དེར་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་དྲུག་བསད། 

འགས་གཏོར་འཇབ་རྒོལ་དེ་ལས་བསད་པའི་མི་དྲུག་གི་གྲས་སུ་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གི་འབྲིང་རིམ་མགོ་བ་གཉིས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།