ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྩ་འཛུགས་དེའི་འཁོར་སྐྱོད་ལ་སྲུང་སྐྱོབ་བྱེད་པར་བརྩོན་རྒྱུའི་ཚུལ་བསྟན།

    སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་དགུའི་ཉིན་བསྟན་དོན། རྩ་འཛུགས་དེའི་འཁོར་སྐྱོད་ལ་སྲུང་སྐྱོབ་བྱེད་པར་བརྩོན་རྒྱུ་ཡིན་ཟེར། 

ཚོགས་ཡུན་ཉིན་གཅིག་ཡིན་པའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་སྐབས་སོ་དགུ་བ་ཚེས་དགུའི་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཀྲ་ཡེ་ནེ་ཡིས་གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་ལེ་ཡཱ་ཏིའི་མགོ་གཙོའི་གྲོས་ཚོགས་ཀྱི་གསལ་སྒྲོག་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྩ་འཛུགས་དེའི་འཁོར་སྐྱོད་ལ་སྲུང་སྐྱོབ་བྱེད་པར་བརྩོན་རྒྱུ་མ་ཟད། བདེ་འཇགས་དང་ཕྱི་འབྲེལ། རྒྱལ་སྲུང་། དཔལ་འབྱོར་སོགས་ཁྱབ་ཁོངས་ནས་མཐུན་སྦྱོར་གཅིག་མཐུན་གྱི་འགུལ་སྐྱོད་སྤེལ་དགོས་ཟེར། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་བསྒྲགས་གཏམ་ལས་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་དབྱི་ལིང་གིས་མུ་མཐུད་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཡེ་མིན་དང་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་དམིགས་ཡུལ་ནི་མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ལ། དེང་སྐབས་དང་ཕྱིན་ཆད་ནུས་པ་སྔར་ལས་ཆེན་པོ་འདོན་པའི་རེ་བ་ཡོད་ཟེར། 

ཁི་ཝེ་ཐིའི་མགོ་ཁྲིད་པ་སཱ་པཱ་ཧི་ཡིས་བསྟན་དོན། མཚོ་ཁུགས་ས་ཁུལ་དུ་མིག་སྔར་ཉེན་རྟོག་དང་འགྲན་རྩོད་མང་བོ་བྱུང་ཡོད་ཅིང་། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར། ཁོས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཕན་ཚུན་བར་རྒོལ་ལན་སྤྲོད་པ་དང་ཁ་བྲལ་གྱི་ས་བོན་གཏོར་མཚམས་བཞག་སྟེ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཁོངས་གཏོགས་རྒྱལ་ཁབ་དག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

ཁི་ཝེ་ཐིའི་མགོ་ཁྲིད་པ་སཱ་པཱ་ཧི་དང་། པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མུའུ་ཧན་མའོ་ཏི། ཨ་མན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཧྥ་ཧི་ཏི་བཅས་ཉིན་དེའི་མགོ་གཙོའི་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།