ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་སཱ་ཧི་ལེ་དང་སཱ་ཧཱ་ལཱ་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱིས་སཱ་ཧི་ལེ་དང་སཱ་ཧཱ་ལཱ་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་ཚེས་དགུ་ཉིན་ནས་བཟུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 

ཨེ་ཅིབ་དྲག་ཆས་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་དགུ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་མུའུ་ཧན་མའོ་ཏི་ནཱ་ཅི་པུའུ་དམག་དོན་རྟེན་གཞི་ནས་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཨེ་ཅིབ་ཀྱིས་ཐོག་དང་པོར་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་སྤེལ་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་དང་སུའུ་ཏན། ནེ་ཀྲི་རི་ཡཱ། པུ་ཁི་ནཱ་ཧྥ་སོ་སོགས་རྒྱལ་ཁབ་ཀྱི་དམིགས་བསལ་དམག་དཔུང་ཚན་ཁག་དང་པོར་བྱས་ཏེ་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་དྲག་ཆས་རྩ་འཛུགས་སོགས་རིགས་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་མི་གཏའ་སྐྱོབ་པ་སོགས་འདུས་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྲེལ་མྱུར་གནས་ཚུལ་འོག་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་དམིགས་བསལ་དམག་དཔུང་གི་མཉམ་ལས་དང་འཕྲལ་སྒྲུབ་ཐག་གཅོད་ནུས་པར་ཤུགས་སྣོན་པའི་ཆེད་ཡིན་ལ། དེ་ཨ་ཧྥེ་རི་ཁ་གླིང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་སོ་སོས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་པར་ནུས་པ་ཐོན་སྲིད་ཟེར། 

གསལ་སྒྲོག་གི་ནང་དོན་ལྟར་ན། སཱ་ཧི་ལེ་དང་སཱ་ཧཱ་ལཱ་ས་ཁུལ་གྱི་རྒྱལ་ཁབ་དག་ཚན་ཁག་འགའ་རུ་བགོས་ནས་བྱེ་བྲག་གི་དུས་ཚོད་རེའུ་མིག་གཞིར་བཟུང་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།