ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མ་ནས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ལྷོ་མའི་མཁའ་ཙུའུ་ལུའུ་དང་ནཱ་ཐཱ་ཨར་ཞིང་ཆེན་གྱི་འགྲིམ་འགྲུལ་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བཤད་རྒྱུར། ཞིང་ཆེན་དེ་ནས་ཚེས་བརྒྱད་ཉིན་གྱི་དགོང་མོར་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

ཞིང་ཆེན་དེའི་འགྲིམ་འགྲུལ་པུའུ་ཡི་མགྲིན་ཚབ་པ་མུའུ་ཐིན་ཝ་ཡིས་བཤད་རྒྱུར། རླངས་འཁོར་ཆུང་བ་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཞིང་ཆེན་དེའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་ཐོ་བརྒྱབ་རྗེས་མེར་འབར་བ་དང་། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་རྨས་མ་བཞིའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།