ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ནས་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཚེས་དགུའི་ཉིན་སུའུ་ཏན་ཤར་ཕྱོགས་ཀྱི་ཅཱ་ཏཱ་ལི་ཧྥུའུ་ཀྲིག་ནས་སར་ལྷུང་བ་དང་། ས་དེའི་སྲིད་གཞུང་གི་མགོ་ཁྲིད་པ་བདུན་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཚེས་དགུ་ཉིན་གྱི་ཞོགས་པར་བྱུང་། གྱེན་འཕུར་གནམ་གྲུ་དེ་ཅཱ་ཏཱ་ལི་ཧྥུའུ་ཀྲིག་གི་ཁཱ་ལཱ་པཱ་ཐི་གནམ་གྲུ་ཐང་ནས་མར་འབབ་སྐབས་སར་ལྷུང་བ་རེད། གྱེན་འཕུར་གནམ་གྲུ་དེ་སར་ལྷུང་རྗེས་མེར་འབར་བ་རེད། ཅཱ་ཏཱ་ལི་ཧྥུའུ་ཀྲིག་གི་ཀྲིག་ཀྲང་དང་བཅས་པའི་ས་དེའི་མགོ་ཁྲིད་པ་བདུན་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།