ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལི་ནས་ན་གཞོན་ཏང་གི་ཁོངས་མི་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལི་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ཅུའུ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་མཱ་ལིའི་བདེ་འཇགས་དམག་དཔུང་གིས་ཚེས་བརྒྱད་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་སྤེལ་བའི་ཐོལ་རྒོལ་འགུལ་སྐྱོད་ཅིག་གི་ཁྲོད། སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་དེ། འཇབ་རྒོལ་གཡོ་ཇུས་ཤིག་བདེ་བླག་ངང་ཕམ་ཉེས་སུ་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ན་གཞོན་ཏང་གིས་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་དང་དེའི་ཉེ་འཁོར་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་ཞིག་བཟོ་བའི་འཆར་གཞི་ཡོད་པ་རེད། འཇབ་རྒོལ་དོན་རྐྱེན་ལ་འཆར་འགོད་བྱེད་པའི་རྩ་འཛུགས་དེའི་མགོ་བ་ཞིག་ཐེངས་འདིའི་ཐོལ་རྒོལ་འགུལ་སྐྱོད་ཁྲོད་འཛིན་བཟུང་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།