ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅོ་བརྒྱད་ལོའི་ཨ་ཧྥེ་རི་ཁ་གླིང་གི་གླེང་སྟེགས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅོ་བརྒྱད་ལོའི་ཨ་ཧྥེ་རི་ཁ་གླིང་གི་གླེང་སྟེགས་ཚེས་བརྒྱད་ཉིན་ཨེ་ཅིབ་ཀྱི་མཚོ་འགྲམ་གྲོང་ཁྱེར་ཧྲ་མུའུ་ཧྲ་དབྱེ་ཧི་ནས་སྤེལ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ནས་ཡོང་བའི་ཆབ་སྲིད་མགོ་ཁྲིད་པ་དང་ཁེ་ལས་པ་སྟོང་གསུམ་ལྷག་ཚོགས་ཡུན་ཉིན་གཉིས་ཡིན་པའི་གླེང་སྟེགས་ལ་ཞུགས། 

སེ་ཞི་ཡིས་ཉིན་དེར་སྤེལ་བའི་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ན་གཞོན་ཁེ་ལས་པ་དག་གིས་འཕེལ་རྒྱས་འདུ་ཤེས་དངོས་ཡོད་དུ་འགྱུར་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨེ་ཅིབ་ཀྱིས་རྒྱལ་ཁབ་རིམ་པའི་ལས་སྐྲུན་ལྟེ་གནས་ཤིག་བཙུགས་ཏེ། གསར་དུ་བཙུགས་པའི་ཀུང་ཟིར་རྒྱབ་སྐྱོར་དང་ན་གཞོན་ཁེ་ལས་པ་གསོ་སྤེལ་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་མ་འོངས་པའི་ལོ་ངོ་གསུམ་གྱི་ནང་གྲངས་ལྡན་ལག་རྩལ་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་ཁྲི་གཅིག་གསོ་སྐྱོང་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། 

སེ་ཞི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལས་ང་ཚོས་ངེས་པར་དུ་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་ཁེ་ལས་པར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། ཁོ་ཚོ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་ཆེས་གལ་ཆེ་བའི་རྒྱུ་ནོར་ཡིན་ཟེར། 

ཐེངས་འདིའི་གླེང་སྟེགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཚོང་ར་གསར་སྐྲུན་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། ན་གཞོན་ཁེ་ལས་པའི་ཉིན་མོ་དང་བུད་མེད་ལ་ཁེ་དབང་སྩོལ་བ། མགོ་ཁྲིད་པའི་གླེང་སྟེགས་སོགས་ཡན་ལག་གླེང་སྟེགས་མང་བོ་འདུས། གླེང་སྟེགས་ཀྱིས་ད་རུང་ཨ་ཧྥེ་རི་ཁ་གླིང་གི་མིང་དུ་གྲགས་པའི་ཁེ་ལས་པ་སྒོར་ཅོག་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མགོ་ཁྲིད་པ་དང་མཉམ་དུ་དངུལ་གཏོང་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།