ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱི་མགོ་ཁྲིད་པས་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པར་བཀག་སྡོམ་བསྐྱུར་ནས་གྲོས་མོལ་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་བཅོ་ལྔ་ཉིན་ནན་གྱིས་བསྟན་དོན། ཁཱ་ཐར་གྱིས་མཚོ་ཁུགས་ཀྱི་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་ལངས་ཕྱོགས་འགྱུར་མེད་པ་དང་། དེ་ནི་ཁཱ་ཐར་ལ་དམིགས་པའི་བཀག་སྡོམ་མེད་པར་བཏང་ནས་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། 

ཐཱ་མུས་མུའུ་ཡིས་ཉིན་དེར་ཏའོ་ཧཱ་ནས་སྤེལ་བའི་ཆབ་སྲིད་གླེང་སྟེགས་ཤིག་གི་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། ཕན་ཚུན་འདྲ་མཉམ་བྱེད་པ་རྨང་གཞིའི་བྱས་པའི་གྲོས་མོལ་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཁཱ་ཐར་གྱི་བཀག་སྡོམ་མེད་པར་གཏོང་བ་བཅས་ལ་བརྟེན་ནས་མཚོ་ཁུངས་ཀྱི་འབྲེལ་ཐག་བཅད་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་ཟེར། 

ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི་ཡིས་གླེང་སྟེགས་སྟེང་བསྟན་དོན། མཚོ་ཁུགས་ཀྱི་འབྲེལ་ཐག་བཅད་པའི་ཉམས་ཉེན་ལས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ལ་ཤུགས་རྐྱེན་ཐེབས་པ་དང་། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་རྒྱལ་ཁབ་ཚང་མ་ཞུགས་པའི་གནས་ཚུལ་འོག་ཡང་བསྐྱར་ལེགས་སྒྲིག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།