ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱའི་ཤར་ལྷོའི་ས་ཁུལ་དུ་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཉེ་བའི་ཉིན་འགའི་རིང་རྒྱལ་ཁབ་དེའི་ཤར་ལྷོའི་ས་ཁུལ་ནས་ཁུན་ནེ་ཡཱའི་མཐའ་མཚམས་དང་ཉེ་བའི་མའོ་ཡཱ་ལེ་གྲོང་རྡལ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག 

བསྒྲགས་པ་ལྟར་ན། མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ས་དེའི་སྲིད་གཞུང་གིས་ཐབས་ཇུས་ལ་གྲོས་བསྡུར་བྱས་ཏེ། དྲག་ཤུགས་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལས་འབྲེལ་ཡོད་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བྱེ་བྲག་གི་ནང་དོན་ཞིབ་ཏུ་བརྗོད་མེད། 

ས་དེ་ནས་བསྒྲགས་པ་ལྟར་ན། མའོ་ཡཱ་ལེ་གྲོང་རྡལ་ནས་དྲག་ཤུགས་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གཉིས་ནི་ཨོ་ལོ་མའོ་རིགས་དང་སོ་མཱ་ལི་རིགས་ཡིན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།