ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སྟོབས་ཤུགས་ཕམ་ཉེས་སུ་བཏང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སྟོབས་ཤུགས་ཕམ་ཉེས་སུ་བཏང་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་སྐད་ཆ་དེ་བརྗོད་པ་རེད། ཁོས་ད་རུང་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ནི་སྐབས་འདིའི་སྲིད་གཞུང་གིས་སི་རི་ཡཱ་རུ་དམག་དཔུང་བཅའ་སྡོད་བྱེད་དུ་བཅུག་པའི་རྒྱུ་རྐྱེན་ཉག་ཅིག་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་སི་རི་ཡཱའི་མངའ་ཁོངས་ནས་དམག་དཔུང་ཡོད་ཚད་ཕྱིར་འཐེན་བྱེད་མིན་གསལ་བོར་བརྗོད་མེད། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་མང་བོས་ཉིན་དེའི་ཞོགས་པར་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལ་སྤྱི་ཕྱོགས་ནས་རྒྱལ་ཁ་ཐོབ་ཡོད་པས། ཐི་ལིང་ཕུའུ་སྲིད་གཞུང་གིས་སི་རི་ཡཱ་ནས་དམག་མི་སྟོང་གཉིས་ཙམ་ཕྱིར་འཐེན་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།