ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིས་སྟོང་བཅུ་དགུའི་ལོར་འཕུར་མདའི་མཚོན་ཆ་ཉིས་བརྒྱ་ལྷག་ལ་ཚོད་ལྟ་བྱེད་པའི་འཆར་གཞི་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་བརྡ་འཕྲིན་དང་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཡིས་ཉིས་སྟོང་བཅུ་དགུའི་ལོར་ཨ་སི་ཐི་ལཱ་ཧན་ཀྲིག་གི་ཁཱ་ཕུའུ་སི་ཅིང་ཡཱ་ཨར་སྦྱོང་བརྡར་ར་བ་ནས་འཕུར་མདའི་མཚོན་ཆ་ཉིས་བརྒྱ་ཙམ་ལ་ཚོད་ལྟ་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཉིས་སྟོང་བཅུ་དགུའི་ལོར་ཁཱ་ཕུའུ་སི་ཅིང་ཡཱ་ཨར་སྦྱོང་བརྡར་ར་བ་ནས་འཕུར་མདའི་མཚོན་ཆ་ཉིས་བརྒྱ་ཙམ་ལ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། ཁ་གྲངས་དེ་ཉིས་སྟོང་བཅོ་བརྒྱད་ལོ་དང་གཅིག་འདྲ་ཡིན་ལ། ཉིས་སྟོང་བཅུ་བདུན་ལོ་དང་སྔོན་ཆད་ཀྱི་ལོ་འགའ་ལས་ལྡབ་གཅིག་དང་གྲངས་ཆུང་ལྔ་འཕར་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཁཱ་ཕུའུ་སི་ཅིང་ཡཱ་ཨར་སྦྱོང་བརྡར་ར་བ་ནས་ཚོད་ལྟ་བྱས་ན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཁེ་ཕན་དང་འཚམ་པར་མ་ཟད། སྡེ་ཁག་དང་ལས་ཁུངས་གཞན་པའི་ཁེ་ཕན་དང་ཡང་འཚམ་ཟེར། 

བསྒྲགས་པ་ལྟར་ན། ཁཱ་ཕུའུ་སི་ཅིང་ཡཱ་ཨར་སྦྱོང་བརྡར་ར་བའི་ཡུལ་བབ་ཁྱད་དུ་འཕགས་པ་དང་། དུས་ཚིགས་གང་དང་ནམ་ཟླའི་ཆ་རྐྱེན་ཅི་འདྲ་ཡིན་ཡང་མཚོན་ཆ་དང་དམག་དོན་སྒྲིག་ཆས་ཚོད་ལྟ་བྱས་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།