ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་རྒྱལ་སྐྱོབ་འཐབ་ཕྱོགས་ཀྱིས་ཚེས་གཉིས་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱད་ལ་རྨས་ཕོག་ཟེར། 

སུའུ་ཏན་ལྷོ་མའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མཱ་ཁི་ཨར་གྱིས་གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་སྡེ་བའི་སྡེ་མི་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། ཁོས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་སྐྱོབ་འཐབ་ཕྱོགས་ཀྱིས་མཚོན་ཆ་བསྐྱུར་ནས་ཞི་བདེའི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་ལྷོ་མས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་གྲོས་མཐུན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན་པ་དང་། རྒྱལ་ཁབ་དེར་བྱ་བ་སྤེལ་བཞིན་པའི་མི་ཆོས་རིང་ལུགས་ལས་ཁུངས་ཀྱིས་འཇབ་རྒོལ་ཐེབས་པའི་སྡེ་མིར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།