ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ཉེན་རྟོག་པས་ཚེས་ལྔ་ཉིན་བཤད་རྒྱུར། ཀྲིག་དེའི་ཐའོ་ལན་སི་གྲོང་ཁྱེར་གྱི་པོ་ལིན་སྤོ་ལོ་རྩེད་ཁང་ཞིག་ཏུ་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་སྣར་ཤི་རྨས་བཟོས་ཡོད་ཟེར། 

ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ཐའོ་ལན་སི་གྲོང་ཁྱེར་གྱི་ཉེན་རྟོག་པས་བཤད་རྒྱུར། སྙན་ཞུ་ལས་བསྒྲགས་པ་ལྟར་ན་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ལས་མི་མང་བོར་རྨས་ཕོག་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མི་རྣམས་འབྲེལ་ཡོད་ས་ཁོངས་སུ་འགྲོ་མི་རུང་བའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།