ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པར་ཡང་བསྐྱར་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པ་སོགས་ཕྱོགས་གཉིས་ཀྱི་ལས་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཉིན་རིམ་བཀོད་སྒྲིག་ལྟར་ན། ཧི་ཡེ་ཐེ་ལིང་གིས་ཚེས་བཅུ་བཞིའི་ཉིན་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱེད་རྒྱུ་རེད། 

སྨྱན་བྱད་མང་བོས་བསྒྲསག་པ་ལྟར་ན། འཇར་པན་དང་ཨུ་རུ་སི་ཡིས་ཞི་བདེའི་ཆིངས་ཡིག་འགོད་པར་གྲོས་བསྡུར་བྱེད་པ་ལས་གཞན། ཧི་ཡེ་ཐེ་ལིང་གི་ལས་འགན་གཞན་ཞིག་ཨན་པའེ་ཅིན་སན་གྱིས་ཟླ་འདིའི་ཟླ་སྨད་དུ་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་དེ་རེད། 

ཨན་པའེ་ཅིན་སན་གྱིས་ན་ནིང་ལོ་མཇུག་བསྟན་དོན། ཁོས་ད་ལོའི་ཟླ་དང་པོར་ཨུ་རུ་སི་ལ་འཚམས་འདྲི་བྱས་ནས་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། འཇར་པན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ད་ལྟའི་བར་ཨན་པའེ་ཅིན་སན་གྱིས་འཇར་པན་ལ་འཚམས་འདྲི་བྱེད་པའི་ཉིན་རིམ་བཀོད་སྒྲིག་བྱས་མེད། ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།