ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ཧུའུ་སེ་དྲག་ཆས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཚེས་བདུན་ཉིན་ཡེ་མིན་དང་བྲལ། ཧུའུ་སེ་དྲག་ཆས་པས་བསྟན་དོན། ཀི་ལི་ཧྥེ་སི་ཡིས་ཡེ་མིན་ནས་ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཉིན་དེར་ཀི་ལི་ཧྥེ་སི་སཱ་ནཱ་གནམ་གྲུ་ཐང་ནས་གནམ་གྲུར་བསྡད་དེ་ཡེ་མིན་དང་བྲལ་བ་རེད། ཧུའུ་སེ་དྲག་ཆས་པས་ཡེ་མིན་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་བསྟན་དོན། ཀི་ལི་ཧྥེ་སི་དང་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་མཱ་ལེ་ཁི་ཧུའུ་སེ་དང་། དྲག་ཆས་ཚོགས་ཁག་དེའི་ཆེས་མཐོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་ཧུའུ་སེ་སོགས་ཀྱིས་གྲོས་མོལ་བྱས་ཤིང་། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པའི་ཐད་ཀྱི་བཀག་རྒྱ་དང་ཁྲིམས་འགལ་བྱ་སྤྱོད་ལ་གྲོས་བསྡུར་བྱས། 

ཧུའུ་སེ་དྲག་ཆས་པས་བསྟན་དོན། ཕྱོགས་གཉིས་ཀྱིས་ད་རུང་སྐོར་ཐེངས་གསར་བའི་ཡེ་མིན་ཞི་བའི་གྲོས་མོལ་སྤེལ་བ་དང་། སཱ་ནཱ་གནམ་གྲུ་ཐང་སྒོ་འབྱེད་བྱེད་པ། མི་ཆོས་རིང་ལུགས་ཀྱི་གནད་དོན་སོགས་ལ་གྲོས་བསྡུར་བྱས། 

ཨ་ལི་ཧུའུ་སེ་ཡིས་ཚེས་དྲུག་ཉིན་ཀི་ལི་ཧྥེ་སི་དང་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མིག་སྔར་ད་རུང་སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་གྱི་དུས་ཚོད་དང་ས་གནས་གཏན་འཁེལག་བྱས་མེད་ཟེར། ཁོས་ད་རུང་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཡང་བསྐྱར་སཱ་ནཱ་གནམ་གྲུ་ཐང་སྒོ་འབྱེད་བྱེད་དགོས་པ་དང།  དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན། 

ཀི་ལི་ཧྥེ་སིའི་གཞུང་སྒྲུབ་ཁང་གིས་དོན་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།