ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་མི་སྒེར་བདུན་དང་ཚོགས་པ་རེ་འགར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཝེ་ནེ་ཙུའེ་ལཱའི་མི་སྒེར་བདུན་དང་ཚོགས་པ་ཉེར་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་པ་དེ་དག་གིས་གྲུབ་པའི་དྲ་རྒྱ་ཡིས་ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གི་ཕྱི་དངུལ་ཉོ་ཚོང་བེད་སྤྱད་ནས་རུལ་སུངས་བྱ་འགུལ་སྤེལ་བ་དང་། དེར་འབྲེལ་གྱི་མ་དངུལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་ལས་བརྒལ་ཡོད། བཀག་སྡོམ་ཐེབས་པའི་ཚོགས་པའི་ཁྲོད་ལ་ལས་ཝེ་ནེ་ཙུའེ་ལཱ་ནས་ཐོ་འགོད་བྱས་པ་དང་། མང་ཆེ་བས་ཉིག་ཡོ་དང་མེད་ཨ་མུས་སོགས་ཨ་མེ་རི་ཁའི་གྲོང་ཁྱེར་ནས་ཐོ་འགོད་བྱས་པ་རེད་ཟེར། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་པའི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་ཉར་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།