ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་སན་རླངས་འཁོར་གསུམ་ཐོ་བརྒྱབ་སྟེ་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲི་ལིའི་དྲག་ཆས་ཉེན་རྟོག་སྡེ་ཁག་གིས་ཚེས་དགུའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་གྱི་ལོ་སི་ལི་ཨོ་སི་ནས་ཉིན་དེར་རླངས་འཁོར་གསུམ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར། 

ཚེས་དགུ་ཉིན་གྱི་ཕྱི་དྲོར། ལོ་སི་ལི་ཨོ་སི་ས་ཁུལ་གྱི་ལྟེ་གནས་གྲོང་ོཁྱེར་ཝ་ཨར་ཏིས་ཝེ་ཡཱ་ཉེ་འདབས་ཀྱི་གཞུང་ལམ་ཞིག་གི་སྟེང་། རླངས་འཁོར་ཆུང་བ་ཞིག་ལ་ཚོད་འཛིན་བྱེད་ཐབས་བྲལ་ནས་ཁ་གཏད་ཀྱི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པདང་། དེའི་རྗེས་སུ་དངོས་སྐྱེལ་རླངས་འཁོར་དེ་ཡང་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཅིག་འདུས་ཟེར། 

བསྒྲགས་པ་ལྟར་ན། ཐོ་བརྒྱབ་པའི་འགྲུལ་སྐྱེལ་རླངས་འཁོར་དེས་སྨན་ཁང་ནས་གསོ་བཅོས་བྱས་པའི་ནད་པ་ཞིག་རང་ཁྱིམ་དུ་སྐྱེལ་བཞིན་ཡོད་ལ། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་སྐྱོན་ཕོག་མེད། རླངས་འཁོར་ཆུང་བ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་བ་རེད། 

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།