ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་མང་བོར་འཇབ་རྒོལ་ཐེབས་ཏེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ས་གནས་དཔོན་རིགས་ཀྱིས་ཚེས་བཅུའི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཐཱ་ཧཱ་ཨར་ཞིང་ཆེན་མངའ་ཁོངས་ཀྱི་ཞིབ་བཤེར་ས་ཚིགས་མང་བོར་ཐཱ་ལེ་པན་དྲག་ཆས་པའི་འཇབ་རྒོལ་ཐེབས་པ་དང་། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད། 

ཐཱ་ཧཱ་ཨར་ཞིང་ཆེན་གྱི་ས་ཁུལ་སྲིད་འཛིན་དཔོན་པོ་ཨོ་མཱ་ཨར་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ་བྱུང་བ་དང་། འཇབ་རྒོལ་ཐེབས་པའི་ཞིབ་བཤེར་ས་ཚིགས་དེ་དག་ཞིང་ཆེན་དེའི་ཧཱ་ཅཱ་ཅཱ་ཨར་ས་ཁུལ་དུ་ཡོད་ལ། ཉུང་མཐར་ཡང་ཞིབ་བཤེར་ས་ཚིགས་སྲུང་བའི་ཉེན་རྟོག་པ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉེན་རྟོག་པ་དྲུག་ལ་རྨས་ཕོག དེ་ལས་གཞན་ཐཱ་ལེ་པན་དྲག་ཆས་པར་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུར་རྨས་ཕོག་ཡོད་པ་རེད་ཟེར། 
ཨོ་མཱ་ཨར་གྱིས་ད་རུང་བསྟན་དོན། ཐཱ་ལེ་པན་དྲག་ཆས་པས་ཞིབ་བཤེར་ས་ཚིགས་དེ་དག་བཙན་བཟུང་བྱས་མེད་པ་དང་། ཞིབ་བཤེར་ས་ཚིགས་དེ་དག་ཉིན་དེའི་ཉིན་གུང་སླར་གསོ་བྱུང་ནས་རྒྱུན་ལྡན་དུ་གྱུར་ཟེར། 
མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།