ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁ་ཕྱོགས་གཅིག་གིས་དབྱི་སི་རལ་བར་ཞི་བདེའི་གྲོས་མཐུན་འགོད་རྩིས་བྱེད་པའི་གཡོ་ཇུས་དང་ལེན་མི་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བློ་འདོན་པ་ཧྲ་ཨ་སི་ཡིས་ཚེས་བཅུ་བདུན་ཉིན་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཕྱོགས་གཅིག་ནས་དབྱི་སི་རལ་བར་གྲོས་མཐུན་འགོད་པའི་གཡོ་ཇུས་གང་རུང་དང་ལེན་བྱེད་མི་སྲིད་ཟེར། 

ཧྲ་ཨ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ཕཱ་ལེ་སི་ཐན་ལ་མི་ཕན་པའི་བྱེད་ཐབས་སྤྱོད་རྗེས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་གྲོས་གཞི་གསར་བ་གང་རུང་དང་ལེན་མི་བྱེད་པ་དང་། ཨ་མེ་རི་ཁ་ཞི་བདེའི་འཕེལ་རིམ་གྱི་སྒེར་ཚུགས་ཀྱི་འདུམ་འགྲིག་མཁན་ཡིན་པར་ཁས་ལེན་བྱེད་མི་སྲིད་ཟེར། 

ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ལ་འགེབས་སྲུང་བྱེད་པའི་གནས་ཚུལ་འོག ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ཐད་བྱ་བ་བསྒྲུབ་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ལ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁས་ཞི་བདེའི་རྨང་གཞིར་གཏོར་བརླག་བྱེད་པའི་ཆོད་དོན་རྩིས་མེད་དུ་མ་བཏང་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་གྲོས་གཞི་གང་ཡང་དང་ལེན་བྱེད་མི་སྲིད་ཟེར། 

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པར་དུས་རབས་ཀྱི་གྲོས་མཐུན་བཏོན་ཡོད་ཟེར། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བརྒྱ་ཆའི་དགུ་བཅུའི་ས་ཞིང་སྟེང་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། དེའི་རྒྱལ་སར་ཡེ་ལུའུ་སཱ་ལེམ་ཤར་མའི་ས་ཁུལ་ཁག་ཅིག་ཀྱང་འདུས་པའི་གྲོས་གཞི་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།