ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་འཇབ་རྒོལ་ལས་སི་རི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་མི་སེར་དཀྱུས་མ་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གགྱིས་ཚེས་བཅོ་བརྒྱད་ཉིན་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱེད་སྐབས། མི་སེར་དཀྱུས་མ་ཉི་ཤུ་རྐྱེན་ལམ་དུ་ཤོར། 

ས་དེའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ཤར་ཕྱོགས་ཀྱི་པཱ་ཀུའུ་ཚི་རུ་བར་སྣང་འཇབ་རྒོལ་བྱས། བུད་མེད་དང་བྱིས་པ་འདུས་པའི་མི་སེར་དཀྱུས་མ་ཉི་ཤུ་རྐྱེན་ལམ་དུ་ཤོར། 

གཞན་ཡང་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ལོན་ཏོན་ནས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་མནའ་འབྲེལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པ་ནས་བཟུང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ཤར་ངོས་སུ་ཡོད་པའི་ཆེས་མཇུག་མཐའི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས། གནས་དེར་ཁེགས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་ལྷག་འཕྲོས་ཐར་ལམ་འཚོལ་ཞིབ་བྱས་ཏེ། སི་རི་ཡཱ་དང་དབྱི་རག་གི་མཐའ་མཚམས་སུ་བྲོས་བྱོལ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།