ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པའོ་ལེ་ཝེ་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ལུའུ་ལོ་ཞིང་ཆེན་མངའ་ཁོངས་སུ་ཚེས་བཅུ་དགུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བདུན་ལ་རྨས་ཕོག 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་དེ་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་བྱུང་བ་དང་། སྤྱི་སྤྱོད་རླངས་འཁོར་གཉིས་ཨོ་ལུའུ་ལོ་ཞིང་ཆེན་ནས་པའོ་ཐའོ་ཞི་ཞིང་ཆེན་བར་གྱི་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེ་བྱུང་སྐབས། སྤྱི་སྤྱོད་རླངས་འཁོར་ཞིག་སྔོན་གྱི་རླངས་འཁོར་དེའི་སྔོན་ལ་འབུད་རྩིས་བྱེད་སྐབས་ཁ་གཏད་ཀྱི་ལམ་ནང་དུ་སོང་བ་དང་། ཁ་གཏད་དུ་རྒྱུན་ལྡན་ངང་ཡོང་བཞིན་པའི་སྤྱི་སྤྱོད་རླངས་འཁོར་གཞན་པ་ཞིག་དང་ཐོ་བརྒྱབ་པ་རེད། བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།