ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་པའོ་ཧེ་ལ་ཡོ་སྒོར་བྱེ་བ་གཅིག་འདོན་སྤྲོད་བྱས་ཏེ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་པའོ་ཧེ་རུ་སྡོད་པའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་པའོ་ཧེ་ལ་ཡོ་སྒོར་བྱེ་བ་གཅིག་འདོན་སྤྲོད་བྱས་ཏེ། པའོ་ཧེ་ཡི་ཕྱིར་གཏོང་སྡེ་ཁག་དང་ཞིང་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱས་ཏེ། པའོ་ཧེ་ཡི་ལས་ཞུགས་རྣམ་པ་ལེགས་བཅོས་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། 

པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོ་ནས་བཟུང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལོ་གཅིག་ཙམ་གྱི་དུས་ཚོད་ནང་སྤྱི་ཚོགས་ལ་བསམ་འཆར་བསྡུ་ལེན་བྱས་ཏེ། གོང་སྨྲས་ཀྱི་ཁྱབ་ཁོངས་སོ་སོའི་རོགས་དངུལ་ཐོབ་པའི་ཁེ་ལས་ཀྱི་བྱེ་བྲག་གི་ཆ་རྐྱེན་གཏན་འཁེལ་བྱས་པ་དང་། གཙོ་བོ་ན་གཞོན་དང་བུད་མེད། རྨས་སྐྱོན་ཅན་བཅས་ལ་ཐོག་མར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་པའོ་ཧེ་ན་གཞོན་མི་གྲངས་ཀྱི་ལས་ཤོར་ཚད་བརྒྱ་ཆའི་དྲུག་ཅུར་བསླེབས་ཡོད། གཞན་ཡང་པའོ་ཧེ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་ཁྱབ་སྒྲོག་བྱས་པའི་ལས་ཤོར་གྱི་ཚད་བསྡོམས་རྩིས་བྱས་པའི་སྙན་ཞུ་གསར་བ་ལྟར་ན། ཐོ་འགོད་བྱས་པའི་ལས་ཤོར་མི་གྲངས་ཁྲོད། བུད་མེད་ཀྱིས་བསྡུར་ཚད་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་དྲུག་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།